设为首页  |  加入收藏
藏医系
 
首页藏医系概况机构设置党团建设教育教学学科建设师资队伍学生工作教改与科研学术与文化就业信息校友信息藏医名家
当前位置: 首页>>中文版>>藏医名家>>藏医历史人物>>正文
 
ཀརྨ་པ་རང་བྱུང་རྡོ་རྗེ།
2019-03-25 15:22 གསོ་རིག་ཚན་པ། 

ཀརྨ་པ་རང་བྱུང་རྡོ་རྗེ་ནི།  བོད་ཤིང་སྤྲེལ་སྤྱི་ལོ་༡༢༨༤ལོར་མངའ་རིས་ལ་སྟོད་མང་ཡུལ་དུ་ཡབ་སྟོན་པ་ཆོས་དཔལ་དང་།  ཡུམ་ཇོ་མོ་གཡང་འདྲེན་གྱི་སྲས་སུ་སྐུ་འཁྲུངས།  དགུང་ལོ་གསུམ་ལ་ཕེབས་སྐབས་ཡབ་ཡུམ་སོགས་ལ་ང་ཀརྨ་པ་ཡིན་གསུང་བ་སོགས་སྔོན་གནས་དྲན་པའི་གསུང་མང་དུ་བྱོན།   གྲུབ་ཆེན་ཨུ་རྒྱན་པ་དང་འཇལ་སྐབས་སྔོན་གནས་དྲན་པའི་གསུང་མང་དུ་གནང་བས་གྲུབ་ཆེན་ཨུ་རྒྱན་པས་རང་བྱུང་རྡོ་རྗེ་ཞེས་མཚན་གསོལ།  གྲུབ་ཆེན་དེ་ཉིད་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་དང་།  འཁོར་ལོ།  བདེ་མཆོག  ཀྱཻ་རྡོར།  ཕུར་པ་སོགས་ཀྱི་དབང་ཁྲིད་རིགས་མང་པོ་སོགས་གྲུབ་ཆེན་ཨུ་རྒྱན་པའི་གདམས་པ་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་ཐུགས་སྲས་ཀྱི་དམ་པར་གྱུར།  ལྷག་པར་དུ་རྒྱ་གར་འཕགས་པའི་ཡུལ་ནས་གྲུབ་ཆེན་ཉིད་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་གནང་བའི་དངུལ་ཆུ་གྲུབ་པའི་གདམས་པ་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཞེས་པའི་མཁའ་འགྲོའི་གདམས་པ་ཁྱད་པར་ཅན་དེ་ཀརྨ་རང་བྱུང་རྡོ་རྗེར་ཆིག་བརྒྱུད་དུ་གནང་།   རང་བྱུང་རྡོ་རྗེས་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གི་གསང་གནད་རྣམས་ལ་འགྲེལ་པ་དང་།   ལག་ལེན་གྱི་གསལ་ཁ་མཛད་ནས་གངས་ཅན་བོད་ཀྱི་ཡུལ་དུ་གདམས་པ་དེའི་ལག་ལེན་གྱི་ལམ་སྲོལ་སླར་ཡང་བཏོད་དེ་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཀུན་ལ་བདུད་རྩི་དརྱ་ཀན་དེ་ཡི་ལོངས་སྤྱོད་སྲོག་སྦྱིན་གྱི་སྐལ་བ་བཟང་པོའི་རྒྱུན་དུས་ད་ལྟའི་བར་དུ་མ་ཉམས་པར་སྤེལ་བ་འདི་དག་སྐྱེས་བུ་དམ་པ་དེ་དག་གི་བཀའ་དྲིན་ལས་གཞན་ཅི།  གཞན་ཡང་རྒྱལ་བའི་དབང་པོ་འདིས་སྨན་སྣ་བརྒྱད་བརྒྱ་སུམ་ཅུ་ལྷག་གི་སྨན་ནུས་ངོས་འཛིན་སོགས་ཞིབ་ཕྲར་འཁོད་པའི་སྔོ་འབུམ་རྒྱས་པ་སྨན་མིང་རྒྱ་མཚོ་ཞེས་པ་སྨན་རྫས་རིག་པའི་བསྟན་བཅོས་མཆོག་ཏུ་གྱུར་པ་ཞིག་མཛད་པ་དེར་ཕྱིས་ཀྱི་སྨན་པ་མཁས་པ་ཀུན་གྱིས་གཞི་འཛིན་ས་བྱེད་དོ།

关闭窗口
西藏藏医学院藏医系  联系电话:0891-6385834
地址:西藏拉萨市当热路10号  邮政编码:850000