设为首页  |  加入收藏
藏医系
 
首页藏医系概况机构设置党团建设教育教学学科建设师资队伍学生工作教改与科研学术与文化就业信息校友信息藏医名家
当前位置: 首页>>中文版>>藏医名家>>藏医历史人物>>正文
 
བྱང་པ་རྣམ་རྒྱལ་གྲགས་བཟང་།
2019-03-25 15:16 གསོ་རིག་ཚན་པ། 

བྱང་པ་རྣམ་རྒྱལ་གྲགས་བཟང་ནི་གཙང་སྟོད་ངམ་རིང་གི་རྒྱལ་སྡེ་ཆེན་པོར་མི་ཉག་སེའུ་རྒྱལ་པོའི་གདུང་བརྒྱུད་ལས་བྱུང་བའི་ཡབ་ཆོས་རྒྱལ་དཔལ་བཟང་དང་།  ཡུམ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་ཕག་ལོར་སྤྱི་ལོ་༡༣༩༥༡༤༧༥སྐུ་འཁྲུངས།   ཁོང་གིས་ལོ་ཆེན་བྱང་ཆུབ་རྩེ་མོ་དང་།   བོ་དོང་ཕྱོགས་ལས་རྣམ་རྒྱལ།   པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་རྒྱ་བོད་ཀྱི་ཚད་ལྡན་ཡོངས་འཛིན་དུ་མའི་དྲུང་ནས་མདོ་སྔགས་ཀྱིས་མཚོན་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་པ་དང་རྒྱ་ནག་གོང་མ་ཏཱ་མིང་གིས་ཏའི་སི་ཏུའི་གོ་ས་གནང་།  དགུང་ལོ་སོ་གཅིག་གི་སྟེང་སེང་གེ་རྩེ་བའི་སྲས་མོ་ནམ་མཁའ་དཔའ་འབུམ་ཁབ་ཏུ་བཞེས་ནས་སྲས་ལྕམ་སྲིང་རྣམས་འཁྲུངས།   མདོ་སྔགས་སྤྱིར་དེ་བཞིན་གཤེགས་པའི་གདུང་རབས་སོགས་བསྟན་བཅོས་སུམ་ཅུ་རྩ་ལྔ་དང་།   དཔལ་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་ལས་རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་བླག་ཏུ་འཇུག་པ་སོགས་བསྟན་བཅོས་བཞི་བཅུ་ཞེ་གཉིས།  དབང་ལེ་དང་སྒྲུབ་ལེའི་དོན་འགྲེལ་བསྟན་བཅོས་ལྔ་བཅུ་རྩ་བཞི།  ལུས་དཀྱིལ་རྫོགས་རིམ་ལམ་དུས་སོགས་ཡེ་ཤེས་ལེའུའི་དོན་འགྲེལ་བཅུ་གཉིས།  སྒྲ་རིག་པའི་ཉིང་ཁུ་ཀ་ལཱ་པའི་མདོ་རྒྱན།   བཟོ་རིག་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཆ་ཚད་ཅེས་པ་སོགས་མཛད།  ལྷག་པར་གསོ་རིག་ལ་སྦྱངས་པ་ཕུལ་དུ་ཕྱིན་སྟབས་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ལེའུ་བརྒྱ་དང་ཉི་ཤུའི་བདག་ཉིད་ཅན་ཞིག་དང་།   རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་གསལ་བྱེད་སྒྲོན་མ།   བཤད་རྒྱུད་ཀྱི་འགྲེལ་པ་བདུད་རྩི་ཆུ་རྒྱུན་དང་།  ཊིག་ཆུང་དོན་གསལ།  ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ།   ཡོངས་གཏད་ཀྱི་འགྲེལ་པ་ཚིག་དོན་རྣམ་པར་གསལ་བ།   སྨན་གཞུང་རིན་ཆེན་སྒྲོམ་བུ།   རྩོམ་པ་ཆུང་བ་རྒྱུད་བཞིའི་དཀའ་འཕྲང་མུན་སེལ།   གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན།   རྩ་བཤད་གསལ་བའི་སྒྲོན་མེ།   སྲོག་གཅོད་ནད་དགུའི་དབྱེ་བ།   འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་མན་ངག་འཕྲུལ་གྱི་ཡིག་ཆུང་།    སེང་གེ་རྩེའི་འཚོ་བྱེད་ཀྱི་དྲིས་ལན་སོགས་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་སྟོད་བྱང་ཁུལ་གྱི་ས་བབས་དང་།   གནམ་གཤིས།   འཚོ་བ་སྤྱོད་སྟངས་སོགས་ཀྱི་ཁྱད་ཆོས་དངོས་དང་བསྟུན་ནས་སྨན་བཅོས་བྱ་ཐབས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་གནང་སྟེ་གཞུང་འགྲེལ་བརྩམས་པ་དང་།  སྨན་སྦྱོར་གསར་བཟོ།   སྨན་རྫས་ངོས་འཛིན་སོགས་བྱང་ལུགས་ཀྱི་ཁྱད་ཆོས་རྣམས་དར་སྤེལ་བཏང་ཞིང་མི་ཡི་ཉི་མ་མཐོང་བ་དོན་ལྡན་སོགས་རྗེས་འཇུག་གི་སློབ་མ་མང་དུ་བསྐྱངས་པ་བཅས་ལ་བརྟེན་ནས་བྱང་ལུགས་ཞེས་པའི་སྲོལ་གཏོད་པར་མཛད་དོ།།

 

 

关闭窗口
西藏藏医学院藏医系  联系电话:0891-6385834
地址:西藏拉萨市当热路10号  邮政编码:850000